Дээрхийн Гэгээн 14-р Далай багшид Хятадын бурханы шашинтан шавь нараас дэлхий нийтэд тархаад байгаа энэхүү корона вирус өвчинд тустай түргэн амирлуулах аргыг айлтгасанд Дээрхийн Гэгээн Далай багшаас хийд орны лам хуврагууд болон сүсэгтэн олон бүх нийтээр Гэтэлгэгч Ногоон Дарь-Эх бурхны тарнийг аль болох олонтаа урин унших нь энэхүү өвчинөөс түргэнээ амирлуулан гэтэлгэх нь магадтай тус авралтайг онцгойлон сануулан айлтгаж байна.

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་ཡིག་ངོ་དེབ་ (Facebook Page )
ཐོག་གནས་ཚུལ་ཞིག་སྤེལ་འདུག སྤེལ་གནང་བའི་གནས་ཚུལ་དེའི་ནང་། རྒྱ་ནག་སྐམ་ས་ཆེན་པོའི་དད་ལྡན་མང་པོས་དྲྭ་ལམ་བརྒྱུད་༧གོང་ས་མཆོག་ལ་བཀའ་འདྲི་ཞུ་དོན། མིག་སྔར་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཤེས་རྟོགས་བྱུང་པའི་ཏོག་དབྱིབས་ཅན་གྱི་གློ་ནད་ནད་འབུ་གསར་པ་འདི་བཞིན་རྒྱ་ནག་གི་གྲོང་ཁྱེར་དང་། ས་ཁུལ་ཁག་དང་། དེ་བཞིན་འཛམ་གླིང་ཡུལ་གྲུ་གཞན་དུའང་ཁྱབ་བཞིན་ཡོད་སྟབས། དེ་ཞི་བའི་ཆེད་དུ་༧གོང་ས་མཆོག་ནས་བཀའ་སློབ་ལམ་སྟོན་ཡོང་བ་ཞེས་ཞུས་འདུག་པར། དེ་རིང་༧གོང་ས་མཆོག་གིས། རྒྱ་ནག་ནང་ཡོད་པའི་དགོན་པ་ཁག་དང་། དད་ལྡན་མང་ཚོགས་ཀྱིས་རྗེ་བཙུན་སྒྲོལ་མའི་མཚན་སྔགས་གང་མང་འདོན་ན། ནད་ཡམས་ཞི་བར་ཕན་ཐོགས་ཡོད་ཅེས་ལམ་སྟོན་གནང་འདུག་པ་མ་ཟད། ༧གོང་ས་མཆོག་གི་ཞལ་སྔ་ནས་རྗེ་བཙུན་སྒྲོལ་མའི་མཚན་སྔགས་གསུང་འདོན་གནང་བའི་གསུང་སྒྲ་ཞིག་ཀྱང་མཉམ་དུ་སྦྱར་གནང་འདུག